ཨ་རིའི་འགྲོ་བ་མིའི་ཐོབ་ཐང་གི་ལོ་འཁོར་སྙན་ཐོའི་ནང་གི་ད་དོན།

ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་འཛམ་གླིང་ཁྱོན་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་ཕྱིན་ཡོད་མེད་ཞིབ་འཇུག་བྱས་ནས་ལོ་རེར་སྙན་མཐོ་རེ་འགྲེམ་སྤེལ་བྱེད་སྲོལ་ཡོད་ཅིང་། ཕྱི་ཟླ་༥་ཚེས་༢༤་ཉིན་ཕྱིར་བསྒྲགས་བྱས་པའི་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་སྙན་ཐོ་དེར་བོད་ཀྱི་མངའ་ཁུལ་ཡོངས་སུ་སྔར་བཞིན་དངངས་འཚབ་དང་དམ་དྲག་གིས་མནན་འདུག་ཅེས་འཁོད་ཡོད་པའི་སྐོར། བསྟན་འཛིན་ལྷུན་གྲུབ་ཀྱིས་ཕྱོགས་བསྒྲིགས་བྱས་པའི་གནས་ཚུལ་དེར་གསན་རོགས་གནང་།