ཨ་རི་དང་ཧྥི་ལི་ཕིན་གྱི་རྒྱལ་སྲུང་མཉམ་འབྲེལ་གྲོས་མཐུན།

ཐོག་མར་༡༩༥༡་ལོར་ཨ་མི་རི་ཀ་དང་ཧྥི་ལིན་ཕིན་གཉིས་ཀྱིས་རྒྱལ་སྲུང་མཉམ་འབྲེལ་གྱི་ཆིངས་ཡིག་ཅིག་ལ་མིང་རྟགས་བཀོད་ཅིང་། དེར་བརྟེན་འདས་པའི་ལོ་ངོ་༦༠་ལྷག་ལ་རྒྱལ་སྲུང་མཉམ་འབྲེལ་གྱི་ཆིངས་ཡིག་དེས་ཧྥི་ལི་ཕིན་གྱི་བདེ་འཇགས་སྲུང་སྐྱོབ་དང་ཞི་བདེ་བརྟན་ལྷིང་སྲ་བརྟན། ཧྥི་ལི་ཕིན་ལ་རྒྱལ་ཁབ་གཞན་གྱི་བཙན་འཛུལ་བྱེད་སྲིད་པའི་ཉེན་ཀ་མ་བྱུང་བར་ཕན་ཐོགས་ཆེན་པོ་བྱུང་བ་དང་། གཟའ་འཁོར་འདིར་ཨ་རིའི་སྲིད་འཛིན་བྷ་རཀ་ཨོ་བྷ་མ་ཧྥི་ལི་ཕིན་ལ་འཚམས་འདྲིར་ཕེབས་ཏེ། ཧྥི་ལི་ཕིན་གྱི་ས་ཁོངས་སུ་ཨ་མི་རི་ཀའི་དམག་གིས་སྐོར་གཡེང་བྱ་རྒྱུ་དང་། དུས་རབས་༢༡་པའི་ནང་དུ་ཧྥི་ལི་ཕིན་གྱི་བདེ་འཇགས་སྲུང་སྐྱོབ་ལ་ཉེན་ཀ་འབྱུང་སྲིད་པ་དེར་ཨ་མི་རི་ཀས་སྔར་ལས་ལྷག་པའི་འགན་ལེན་ཆེ་ཙམ་བྱ་རྒྱུ། ཧྥི་ལི་ཕིན་གྱི་ས་ཐོག་ཏུ་སྐོར་གཡེང་བྱེད་པའི་ཨ་མི་རི་ཀའི་དམག་ལ་ཐོབ་ཐང་དང་ཡུལ་ཁྲིམས་བརྩི་སྲུང་གི་འགན་འཁྲི་ཅི་ཞིག་ཡོད་མེད་སོགས་གྲོས་མཐུན་ནང་དུ་གསལ་བོར་བཀོད་དེ། ཨ་མི་རི་ཀ་དང་ཧྥི་ལི་ཕིན་གྱི་རྒྱལ་སྲུང་མཉམ་འབྲེལ་ཆིངས་ཡིག་དེ་སྔར་ལས་ལྷག་པའི་འཐུས་སྒོ་ཇེ་ཚང་དུ་བཏང་ཡོད་པ་རེད།།

Your browser doesn’t support HTML5

ཨ་རི་དང་ཧྥི་ལི་ཕིན་གྱི་རྒྱལ་སྲུང་མཉམ་འབྲེལ་གྲོས་མཐུན།