ཨ་རིའི་ལྷོ་ཕྱོགས་སུ་དྲག་ཆར་རླུང་འཚུབ་ཀྱི་གནོད་འཚེ།

Your browser doesn’t support HTML5

༄༅།། ཨ་རིའི་ལྷོ་ཕྱོགས་ཀྱི་ལུ་ཝི་སི་ཡ་ན་མངའ་སྡེར་གཟའ་ཉི་མའི་ཉིན་ཨི་ཌ་ཞེས་མིང་བཏགས་པའི་དྲག་ཆར་རླུང་འཚུབ་ཀྱིས་གཏོར་བཤིག་ཚབས་ཆེན་ཕོག་སྟེ་ཆུ་ལོག་རྒྱུག་པ་དང་ཁང་པ་མང་པོར་གཏོར་བཤིག་ཕོག་པར་མ་ཟད། མི་ས་ཡ་གཅིག་ལྷག་ལ་གློག་ཆད་ཡོད་པ་རེད།