ཨ་རིའི་ཡུལ་བདག་མི་རིགས་ལ་ཏོག་དབྱིབས་རིམས་ནད་ཀྱི་དཀའ་ངལ།

Your browser doesn’t support HTML5

༄༅།། ཨ་མི་རི་ཀའི་ཡུལ་བདག་མི་རིགས་ཀྱི་ཟུར་འཇོག་ས་ཁུལ་ཁག་ཏུ་ཏོག་དབྱིབས་ནད་དུག་གི་རིམས་ནད་ཁྱབ་གདལ་ཚབས་ཆེན་ཞིག་བྱུང་སྟེ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་ཅིང་། ཨ་རིའི་གསར་འགྱུར་བརྒྱུད་ལམ་ཁག་དང་ཕྱོགས་འགལ་སྲིད་དོན་ཚོགས་པའི་སྲིད་དོན་པ་ཚོས་ཨ་རིའི་གཞུང་གིས་ཡུལ་བདག་མི་རིགས་ཀྱི་ས་གནས་ཁག་ལ་ལྟ་རྟོག་ཡག་པོ་ཞིག་བྱུང་མི་འདུག་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་པའི་སྐོར། ཡེ་ཤེས་རྡོ་རྗེ་ལགས་ཀྱིས་སྙན་སྒྲོན་ཞུ་གནང་གི་རེད།།