ཨ་མི་རི་ཀ་དང་རྒྱ་ནག་གི་གྲོས་མོལ།

ཨ་མི་རི་ཀ་དང་རྒྱ་ནག་གི་གྲོས་མོལ།

ཨ་མི་རི་ཀ་དང་རྒྱ་ནག་གི་མཐོ་རིམ་གཞུང་འབྲེལ་མི་སྣ་རྣམས་ཆབ་སྲིད་དང་དཔལ་འབྱོར་གྱི་གནད་དོན་ཐད་གྲོས་མོལ་བྱེད་འགོ་ཚུགས་པའི་སྐབས་ ཨ་མི་རི་ཀའི་སྲིད་འཛིན་གཞོན་པ་སྐུ་ཞབས་འཇོཽ་བྷ་ཡི་བྲིན་དང་ ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཀྲན་བཅས་གཉིས་ཀས་རྒྱ་ནག་གཞུང་གི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་དང་ ལྷག་པར་དེང་སང་ ཡུལ་དེ་ཁྱོན་ཡོངས་སུ་དྲག་གནོན་གྱི་བྱ་སྤྱོད་ཚབས་ཆེ་ཞིག་ལག་བསྟར་བྱེད་བཞིན་པ་བཅས་ཀྱི་ཐད་ ཨ་མ་རི་ཀའི་གཞུང་གིས་སེམས་འཚབ་ཆེན་པོ་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པའི་སྐོར་ འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་William Ide ཝི་ལིཡམ་ཨ་ཡིཏྲ་ཀྱིས་གནས་ཚུལ་སྤེལ་བ་ཞིག དཔལ་མོ་མཁས་གྲུབ་ཀྱིས་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་གི་རེད་