ཕུ་ཊིན་གྱིས་ཡུཀ་རེན་ནི་རང་བཙན་རྒྱལ་ཁབ་ཅིག་མ་རེད་ཟེར།

Your browser doesn’t support HTML5

ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ཡུཀ་རེན་གྱི་ཤར་ཕྱོགས་སུ་ཆགས་པའི་གྱེན་ལོག་པའི་ས་ཁུལ་ཌོ་ནེ་སིཀ་དང་ལུ་ཧན་སིཀ་ས་ཁུལ་གཉིས་རང་བཙན་རྒྱལ་ཁབ་ལ་ངོས་འཛིན་བྱས་པ་ཡིན་ཞེས་གསལ་བསྒྲགས་སྤེལ། ད་དུང་ཡུཀ་རེན་ནི་དངོས་འབྲེལ་གྱི་རང་བཙན་རྒྱལ་ཁབ་ཅིག་མ་ཡིན་པར་ཨུ་རུ་སུ་དང་ཤ་ཁྲག་གི་འབྲེལ་བ་ཡོད་པ་ཞིག་རེད་ཅེས་བསྒྲགས།