ཐེ་ཝན་གྱི་བོད་པ་ཚོས་སྲིད་སྤྱིའི་སྔོན་འགྲོའི་འོས་བསྡུ་བྱས་པ།

༄༅།། ༢༠༢༡་ལོའི་སྲིད་སྐྱོང་དང་བོད་མི་དམངས་སྤྱི་འཐུས་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ཕྱི་ཟླ་དང་པོའི་ཚེས་༣་ཉིན་བྱ་དགོས་པའི་ཐག་གཅོད་བྱས་མོད། འོན་ཀྱང་རྒྱ་ནག་ནས་བྱུང་བའི་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ལ་བརྟེན་ནས་བོད་པ་བཙན་བྱོལ་བ་གནས་འཁོད་ས་གནས་ཡོངས་སུ་ཉིན་གཅིག་ལ་དུས་གཅིག་ཏུ་འོས་བསྡུ་བྱེད་ཐུབ་མེད་པས་ཐེ་ཝན་དུ་གནས་འཁོད་བོད་པ་ཚོས་ཕྱི་ཚེས་༢་དང་༣་གཉིས་ལ་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་བྱས་ཡོད་ཅིང་། ད་ཐེངས་ཀྱི་སྔོན་འགྲོའི་འོས་བསྡུར་བོད་པ་ཅི་ཙམ་མཉམ་ཞུགས་བྱས་ཡོད་མེད། ཐེ་ཝན་མཚོ་གླིང་དུ་བོད་པ་ཅི་ཙམ་ཡོད་མེད་དང་ཐེ་ཝན་གྱི་སྤྱི་དམངས་དང་སྲིད་གཞུང་གཉིས་ཀས་དམངས་གཙོ་དང་རང་དབང་གི་རྩ་དོན་ལ་དོ་གལ་ཅི་ཙམ་རྩི་བཞིན་ཡོད་མེད། བོད་པའི་འོས་བསྡུར་རྒྱབ་སྐྱོར་གྱི་རྣམ་འགྱུར་སྟོན་ཕྱོགས་བཅས་ལ་ཐེ་ཝན་དོན་གཅོད་ཁང་གི་དྲུང་ཆེ་བསོད་ནམས་རྡོ་རྗེ་ལགས་སུ་བསྟན་འཛིན་ལྷུན་གྲུབ་ལགས་ཀྱིས་བཅར་འདྲི་ཞུས་པའི་གནས་ཚུལ་དེ་གསན་རོགས་གནང་།།

Your browser doesn’t support HTML5

ཐེ་ཝན་གྱི་བོད་པ་ཚོས་སྲིད་སྤྱིའི་སྔོན་འགྲོའི་འོས་བསྡུ་བྱས་པ།