རྒྱ་གར་གྱི་ཏོག་དབྱིབས་ནད་དུག་བཀག་སྡོམ་ལ་བོད་པའི་ལེགས་སྐྱེས།

Your browser doesn’t support HTML5

༄༅།། ཁ་སྔོན་ཕྱི་ཟླ་༣་པར་རྒྱ་གར་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་གི་ནད་ཡམས་ཁྱབ་གདལ་གྱི་ཉེན་ཚབས་ཆེ་རུ་སོང་སྟེ་སྲིད་བློན་མོ་དྷིས་རྒྱ་གར་ལ་འགྲོ་འོང་བཀའ་སྡོམ་གྱི་བཀོད་ཁྱབ་ཐེངས་གཉིས་བཏང་ཡོད་ཅིང་། དེར་བརྟེན་མི་ས་ཡ་མང་པོའི་རྒྱུན་ལྡན་གྱི་འཚོ་བར་དོ་ཕོག་བྱུང་བར་མ་ཟད། མི་མང་ཁག་ཅིག་ལ་ཉིན་རེའི་ཟ་འབྲུ་མེད་པའི་དཀའ་ངལ་སོགས་ཀྱང་འཕྲད་བཞིན་ཡོད་ཅིང་།