ཨ་རིའི་བོད་པ་ཚོས་སྲིད་འཛིན་འོས་འདེམས་ལ་དོ་སྣང་།

Your browser doesn’t support HTML5

༄༅།། ༢༠༢༠་ལོའི་ཨ་རིའི་སྲིད་འཛིན་གྱི་འོས་བསྡུ་ཆེན་མོར་ཨ་རིའི་སྤྱི་དམངས་སུ་གྱུར་པའི་བོད་པ་ཚོས་སྔར་ལས་ལྷག་པའི་དོ་སྣང་ཆེན་པོ་བྱས་ནས་སྤྱི་ཚོགས་འབྲེལ་མཐུད་དྲྭ་རྒྱ་སྟེ། ངོ་དེབ་དང་ཊོས་ཊར་སོགས་སུ་སྲིད་འཛིན་གྱི་འོས་མི་གཉིས་ཀྱི་སྲིད་ཇུས་དང་ལངས་ཕྱོགས་བཅས་ལ་བགྲོ་གླེང་ཤུགས་ཆེན་བྱེད་བཞིན་ཡོད་ཅིང་།