རྒྱ་གར་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་བཞི་པ་དབུ་འཛུགས།

Your browser doesn’t support HTML5

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་རྒྱ་གར་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བཞི་པ་འདི་བཞིན་སྤྱི་ཟླ་༡༠ ཚེས་༡༧ ཉིན་ས་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་འགོ་འཛུགས་གནང་སོང་། ད་རེས་ཚོགས་འདུའི་སྐབས་ཧི་མ་ལའི་ཁུལ་གཙོས་པས་རྒྱ་གར་གྱི་མཐོ་སློབ་འདྲ་མིན་ནས་རྒྱ་གར་གྱི་ན་གཞོན་ཉམས་ཞིབ་པ་༣༠ མཉམ་ཞུགས་གནང་ཡོད།