རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཀྱི་ཚོགས་འདུའི་ཐོག་བཅོས་འགྱུར་སྐོར་གྲོས་མོལ་ཡོང་རྒྱུ

ཆབ་སྲིད་ཀྱི་ཐད་འགྱུར་བཅོས་དགོས་པའི་སྐོར་དེང་སང་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་མི་སྣའི་ཁྲོད་དུ་གླེང་སློང་ཡོང་བཞིན་པའི་སྐབས་འདིར་ འབྱུང་འགྱུར་ལོ་མང་རིང་གི་དཔལ་འབྱོར་གྱི་སྲིད་བྱུས་དང་ ཆབ་སྲིད་ཀྱི་སྲིད་བྱུས་ཁག་གཏན་འབེབས་བྱེད་རྒྱུའི་ཆེད་དུ་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་རྣམས་ཚོགས་འཛོམས་གྲོས་མོལ་བྱ་རྒྱུའི་སྒྲིག་བྱེད་ཀྱི་ཡོད་ཅིང་ ཐེངས་འདིའི་ཚོགས་འདུའི་ཐོག་ཆབ་སྲིད་འགྱུར་བཅོས་ཀྱི་གནད་དོན་ཐད་ལ་ཡང་གྲོས་མོལ་ཡོང་སྲིད་པ་མི་རྣམས་ཀྱིས་ཚོད་དཔག་བྱེད་ཀྱི་ཡོད་པའི་སྐོར་ རྒྱལ་སྤྱིའི་གསར་འཕྲིན་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས་ དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད་