༄༅།། རོ་ཡེ་ཊར་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་དུས་རྒྱ་ནག་གིས་ཐེ་ཝན་མཚོ་འགག་གི་ཉེ་འཁོར་དུ་དམག་སྦྱོང་བྱས་ཏེ་ཕྱོགས་གཉིས་ཀྱི་འགལ་བ་ཛ་དྲག་ཅན་ཞིག་ལ་འགྱུར་བཞིན་ཡོད་པར་བརྟེན། ཐེ་ཝན་གྱིས་ལོ་རྗེས་མའི་རྒྱལ་སྲུང་ལ་ཐེ་སྒོར་ཐེར་འབུམ་༤༥་དང་གྲངས་ཆུང་༡་འགྲོ་གྲོན་གཏོང་འཆར་ཡོད་པ་སྟེ། ཨ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་བཞི་ལྷག་འཕར་སྣོན་བྱ་འཆར་ཡོད་ཅེས་རེས་གཟའ་ཕུར་བུའི་ཉིན་གསལ་བསྒྲགས་བྱས་འདུག་པའི་སྐོར། ཚེ་རིང་དབང་མོས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།
Your browser doesn’t support HTML5
ཐེ་ཝན་གྱི་རྒྱལ་སྲུང་འགྲོ་གྲོན་འཕར་སྣོན།