ལྷོ་ཕྱོགས་བོད་དགོན་སྡེ་ཁག་གི་ཚོགས་དང་ཆོས་ར་མཚམས་འཇོག

༄༅།། རྒྱ་གར་ལ་ཏོག་དབྱིབས་རིམས་ནད་ཀྱི་ནད་པའི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་པའི་སྟབས་ཀྱིས་ལྷོ་ཕྱོགས་གཞིས་ཆགས་ཁག་ཏུ་ཕྱག་བཏབ་པའི་བྱེས་ཀྱི་བོད་པའི་དགོན་སྡེ་ཁག་གི་ཚོགས་དང་ཆོས་ར། གྲྭ་དམངས་འདུ་འཛོམས་སོགས་རེ་ཞིག་མཚམས་འཇོག་བྱས་ནས་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་འཛམ་གླིང་ཀུན་ལ་ཁྱབ་བཞིན་པའི་ཏོག་དབྱིབས་རིམས་ནད་འདིར་སྔོན་འགོག་དང་འཛེམ་ཟོན། འབྲེལ་ཡོད་ཁུངས་སོ་སོས་ཛ་དྲག་གིས་རིམས་ནད་སྔོན་འགོག་གི་ལས་དོན་བསྒྲུབ་དགོས་ཞེས་རྒྱ་གར་དབུས་གཞུང་དང་ས་གནས་མངའ་སྡེ་གཞུང་། དབུས་བོད་མིའི་སྒྲིག་འཛུགས་སོགས་ཀྱིས་ལམ་སྟོན་དང་གསལ་བསྒྲགས་བྱས་འདུག་པའི་སྐོར། འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་ལྡན་ལགས་ཀྱིས་རྒྱ་གར་ལྷོ་ཕྱོགས་ནས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

Your browser doesn’t support HTML5

ལྷོ་ཕྱོགས་བོད་དགོན་སྡེ་ཁག་གི་ཚོགས་དང་ཆོས་ར་མཚམས་འཇོག