གྲྭ་བཞིའི་བཙོན་ཁང་གི་ཆབ་སྲིད་བཙོན་ཟུར།

གྲྭ་བཞིའི་བཙོན་ཁང་གི་ཆབ་སྲིད་བཙོན་ཟུར།

བརྙན་འཕྲིན་གཟིགས་ན། (Real Player)

བརྙན་འཕྲིན་གཟིགས་ན། (Windows Media)

ཀུན་གླེང་བརྙན་འཕྲིན་གྱི་ལས་རིམ་ནང་དུ་གྲྭ་བཞི་བཙོན་ཁང་གི་སྲིད་དོན་བཙོན་པ་ཟུར་པ་ཁག་ཅིག་གི་ཉམས་མྱོང་དང་། ཁོང་ཚོ་ཐོག་མར་བཙོན་ཁང་ལ་ཚུད་དགོས་པའི་རྒྱུ་རྐྱེན་སོགས་ལ་བགྲོ་གླེང་བྱེད་རྒྱུ་དང་། ལས་རིམ་ལ་རྒྱ་གར་དྷ་རམ་ས་ལ་ནས་ཉེ་ཆར་གསར་དུ་བཙན་བྱོལ་ལ་ཕེབས་པའི་སྲིད་དོན་བཙོན་པ་ཟུར་པ་དཔལ་ལྡན་ཆོས་སྒྲོན་ལགས་དང་། ཨ་མི་རི་ཀའི་ཎིའུ་ཡོཀ་གྲོང་ཁྱེར་ནས་སྲིད་དོན་བཙོན་པ་ཟུར་པ་ངག་དབང་གསང་སྒྲོལ་ལགས། ད་དུང་ཡོ་རོབ་རྒྱལ་ཁབ་སུད་ཛར་ལན་ཌེ་ནས་སྲིད་དོན་བཙོན་པ་ཟུར་པ་ཕུན་ཚོགས་ཉི་སྒྲོན་ལགས་བཅས་མཉམ་ཞུགས་བྱེད་ཀྱི་ཡོད།



ཀུན་གླེང་ནི་འཁོར་སྐར་བརྒྱུད་ནས་བལྟ་ཐུབ་པ་དང་རླུང་འཕྲིན་ཐོག་ཏུ་ཉན་ཐུབ་པ་མ་ཟད། ད་དུང་དྲ་རྒྱ་བརྒྱུད་ནས་ཀྱང་དུས་ཐོག་ཏུ་བལྟ་ཉན་བྱེད་ཐུབ་པ་དང༌། བདུན་ཕྲག་རེའི་གཟའ་ལྷག་པ་དང་གཟའ་པ་སངས་ནམ་ཡིན་ལ་འཛམ་གླིང་གཅིག་གྱུར་གྱི་ཆུ་ཚོད་༡༤་ནས་༡༥་བར་རམ། ཡང་ན་ལྷ་སའི་དགོང་མོའི་ཆུ་ཚོད་༡༠་ནས་༡༡་བར་དུ་ཀུན་གླེང་ལ་བལྟ་ཉན་ཐུབ་ཅིང༌། བོད་དང་རྒྱ་ནག་ནས་ཁ་པར་ཨང་གྲངས་༡༠༨༨༨༨་མནན་ཚེ། ཨེ་ཊི་ཨེན་ཊི་ཞེས་པའི་སྒྲ་ཞིག་ཐོས། དེའི་རྗེས་སུ་ཁ་པར་ཨང་གྲངས་༨༦༦ ༨༣༧ ༥༡༥༩ མནན་ན་སྐུ་ཉིད་ཀྱིས་རིན་པ་སྤྲོད་མི་དགོས་པའི་ཁ་པར་དེ་ང་ཚོར་འཕྲོད། ཨ་རི་དང་རྒྱལ་ཁབ་གཞན་ནས་༡ ༢༠༢ ༦༡༩ ༣༧༧༤ མནན་ནས་ཁ་པར་འབྲེལ་མཐུད་པར་རིན་པ་ཨ་རིའི་རླུང་འཕྲིན་ཁང་ལ་སྤྲོད་དུ་འཇུག་དགོས་ཞེས་མངགས་བཀོད་བྱེད་ན་ཁ་པར་གྱི་རིན་པ་ང་ཚོས་སྤྲོད་ངེས་ཡིན། ཡང་ན་སྔོན་ནས་སྐུ་ཉིད་ཀྱི་མིང་དང་ཁ་པར་ཨང་གྲངས་ང་ཚོར་བསྐུར་ཚེ། ང་ཚོས་ཀུན་གླེང་གི་བགྲོ་གླེང་སྐབས་སུ་སྐུ་ཉིད་ལ་འབྲེལ་བ་བྱེད་ཆོག་པ་དང༌། གལ་ཏེ་སྐུ་ཉིད་ཀུན་གླེང་ལ་དངོས་སུ་མཉམ་ཞུགས་མི་ཐུབ་ཀྱང་ང་ཚོར་tibetantv@voanews.com བརྒྱུད་ནས་ཨི་མེལ་གཏོང་བའམ། ཡང་ན་ཧཕེཀ་སི་ཨང་གྲངས་༡ ༢༠༢ ༣༨༢ ༥༥༩༦ བརྒྱུད་ནས་དྲི་བ་བསྐུར་གནང་ཡོད་པ་ཞུ།།པདྨ་ཚལ་ལུགས་ཀྱི་བོད་ཡིག་གི་འབྲི་སྲོལ་གསར་པ།