ཨ་རྒྱ་གཉིས་ཀྱིས་ཕན་ཚུན་ལན་ཁག་དཀྲི་རྒྱུ་མཚམས་འཇོག་བྱ་དགོས།

Your browser doesn’t support HTML5

སིངྒ་པུར་གྱི་སྲིད་བློན་ལི་ཤེན་ལུང་གིས་ཨ་རི་དང་རྒྱ་ནག་གཉིས་ཀྱིས་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་གང་ཡིན་པ་དང་སུས་རིམས་ནད་དེ་ཁྱབ་བརྡལ་བཏང་བ་ཡིན་མིན་ལ་ཕན་ཚུན་གཅིག་གིས་གཅིག་ལ་ལན་ཁག་དཀྲི་རེས་ཀྱི་རྩོད་པ་རྒྱག་གི་ཡོད་པ་རྣམས་མཚམས་བཞག་སྟེ། ད་ལྟ་འགྲོ་བ་མི་སྤྱི་ལ་འཕྲད་པའི་ནད་ཡམས་ཁྱབ་བརྡལ་གྱི་དཀའ་ངལ་ཚབས་ཆེན་འདི་སེལ་རྒྱུར་མཉམ་རུབ་ཀྱི་ནུས་པ་འདོན་དགོས། ལྷག་པར་དུ་ཨ་མི་ར་ཀས་འཛམ་གླིང་ལ་སྣེ་ཁྲིད་ཀྱི་འགན་ཁུར་ལེན་དགོས་ཞེས་འབོད་སྐུལ་ཞུས་ཡོད་པའི་སྐོར།