སྲིད་སྐྱོང་གིས་རྒྱ་གར་ཌེ་ར་ཌུན་མངའ་ཁུལ་བོད་མིའི་གཞིས་ཆགས་སོགས་ལ་འཚམས་གཟིགས་གནང་བ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནས་རྒྱ་གར་བྱང་ཕྱོགས་ཀྱི་བོད་མིའི་གཞིས་སྒར་ཁག་ཅིག་ཏུ་ཕྱོགས་ཕེབས་བཞིན་པའི་ཁྲོད། འཛིན་སྐྱོང་ནས་མི་མང་གི་འདོད་པ་ཆ་ཚང་སྐོང་ཐབས་བྲལ་ཡང་མང་ཚོགས་ཀྱི་དགོས་མཁོའི་རིགས་གང་ཐུབ་སྒྲུབ་ཐབས་གནང་རྒྱུ་ཡིན་པ་གསུང་གནང་སོང་།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནས་རྒྱ་གར་བྱང་ཕྱོགས་ཀྱི་བོད་མིའི་གཞིས་སྒར་ཁག་་དང་སློབ་གྲྭ་སོགས་ལ་ཐུགས་ཞིབ་གཟིགས་སྐོརཕེབས་ནས་མང་ཚོགས་ལ་བཀའ་སློབ་གནང་བའི་ནང་བོད་མིའི་སྒྲིག་འཛུགས་ཀྱིས་་མི་མང་གི་འདོད་པ་ཆ་ཚང་སྐོང་ཐབས་བྲལ་ནའང། མང་ཚོགས་ཀྱི་དགོས་མཁོའི་རིགས་གང་ཐུབ་སྒྲུབ་ཐབས་གནང་རྒྱུ་ཡིན་པ་གསུང་འདུག་སོགས་ཀྱི་སྐོར་ལ་འདི་གའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།

Your browser doesn’t support HTML5

སྲིད་སྐྱོང་གིས་མི་མང་གི་འདོད་པ་ཆ་ཚང་སྐོང་ཐབས་བྲལ་ཡང་དགོས་མཁོའི་རིགས་གང་ཐུབ་སྒྲུབ་ཐབས་གནང་རྒྱུ་གསུང་པ།