གཞིས་ཀ་རྩེ་དང་ལྷ་སར་སློབ་གྲྭ་སོགས་ཀྱི་སྒོ་བརྒྱབ་འདུག

Your browser doesn’t support HTML5

རེས་གཟའ་ཟླ་བའི་ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཏོག་དབྱིབས་རིམས་ནད་ཕོག་མཁན་གྱི་མི་གྲངས་༡༨བྱུང་བར་བརྟེན། པོ་ཏཱ་ལ་སོགས་མཆོད་མཇལ་བྱེད་ས་དང་། སློབ་གྲྭ་སོགས་སྤྱི་བའི་གནས་ཡུལ་མང་པོའི་སྒོ་བརྒྱབ་འདུག་པ་མ་ཟད། གང་སར་རིམས་ནད་བརྟག་དཔྱད་ས་ཚིགས་བཙུགས་ཡོད་པ་སོགས་ཀྱི་གནས་ཚུལ་རྒྱལ་མཚན་ཆོས་གྲགས་ཀྱིས་སྙན་སྒྲོན་ཞུས་ཡོད།