༄༅།། ཨུ་རུ་སུའི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་གྲགས་ཅན་ཨ་ལིཀ་སེ་ན་ཝེལ་ཎི་ལ་སྲིད་གཞུང་གིས་དུག་སྤྲད་པའི་དོགས་པ་བྱེད་ཀྱི་ཡོད་ཅིང་། ཁོ་པ་ཨུ་རུ་སུའི་སྨན་ཁང་ནས་འཇར་མན་ཎིའི་སྨན་ཁང་ཞིག་ཏུ་འཁྱེར་རྒྱུ་དེར་ཨུ་རུ་སུའི་གཞུང་གིས་བཀག་འགོག་བྱས་ཡོད་པས་འཇར་མན་ཎིའི་སྲིད་བློན་དང་ཧྥ་རན་སིའི་སྲིད་བློན་གཉིས་ཀྱིས་ཨུ་རུ་སུའི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ཀྱི་འཕྲོད་བསྟེན་ལ་སེམས་འཚབ་ཡོད་པའི་གཏམ་བཤད་གནང་ཡོད་པ་སོགས་ཀྱི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་ཞིག་བྱེ་གཞོང་བློ་བཟང་ཚུལ་ཁྲིམས་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།
Your browser doesn’t support HTML5
ཨུ་རུ་སུའི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ལ་དུག་སྤྲད་ཡོད་པའི་དོགས་པ།