སྐུ་ཞབས་རོམ་ནི་ལ་ཨི་ལ་ནོཨིསེ་མངའ་སྡེའི་སྔོན་འགྲོའི་འོས་བསྡུའི་ནང་རྒྱལ་ཁ་ངེས་པར་དུ་འཐོབ་དགོས་པ།

ཨ་མི་རི་ཀའི་དབུས་ཕྱོགས་མངའ་སྡེ་ཨི་ལ་ནོཨིསེ་ནང་ གཟའ་མིག་དམར་ཉིན་སྤྱི་མཐུན་ཚོགས་ཁོངས་ཀྱི་སྲིད་འཛིན་འོས་མི་འོས་འདེམས་བྱ་རྒྱུའི་སྔོན་འགྲོའི་འོས་བསྡུ་བྱེད་ཀྱི་ཡོད་པ་དེའི་ནང་ ད་ལྟ་འོས་མི་བཞིའི་ནང་ནས་རེ་བ་ཆེ་ཤོས་སྐུ་ཞབས་མིཏྲ་རོམ་ནི་ལ་ རྒྱལ་ཁ་ངེས་པར་དུ་འཐོབ་དགོས་ཀྱི་ཡོད་པའི་སྐོར་ གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས་ དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།