མེད་ཐབས་མེད་པའི་རང་བཙན་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་བྱས་པ།

ཕྱི་ཟླ་བདུན་པའི་ཚེས་༡རེས་གཟའ་ཉི་མའི་ཉིན་བཞུགས་སྒར་རྡ་རམ་ས་ལར་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་མཉམ་འབྲེལ་བྱས་ཏེ་གོ་བསྒྲིགས་བྱས་པའི་ཚོགས་འདུར་མི་བརྒྱ་ཕྲག་འགའ་ཤས་འདུ་འཛོམས་སར་བོད་རང་བཙན་དོན་གཉེར་བ་རྩོམ་པ་པོ་འཇམ་དབྱངས་ནོར་བུ་ལགས་ཀྱིས་གཏམ་བཤད་གནང་བ་བཅས་ཀྱི་སྐོར་འདི་ག་བོད་སྐད་སྡེ་ཚན་གྱི་གནས་ཚུལ་མཁོ་གཏོང་བ་བསྟན་འཛིན་བཟང་མོ་ལགས་ཀྱིས་ས་གནས་ནས་བཏང་བའི་གནས་ཚུལ་ཞིག་གསན་གྱི་རེད།