འབར་མའི་སྲིད་འགྱུར་ལོ་གཅིག་ཕྱིན་ཀྱང་ངོ་རྒོལ་རྒྱུན་ཆད་མེད།

Your browser doesn’t support HTML5

འབར་མའི་དམག་གིས་སྲིད་དབང་འཕྲོག་སྟེ་ལོ་གཅིག་འཁོར་བའི་རྗེས་སུ་དམག་གི་འགོ་ཁྲིད་ཚོས་སྲིད་དབང་དམ་འཛིན་བྱེད་བཞིན་ཡོད་ཅིང་།དམངས་གཙོའི་ལམ་ནས་འོས་འདེམས་བྱུང་བའི་འབར་མའི་དབུ་ཁྲིད་ཚོར་ལོ་མང་རིང་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་དང་རྒྱལ་ཡོངས་མི་དམངས་ཀྱིས་དམག་གི་དབང་སྒྱུར་ལ་ངོ་རྒོལ་འཐབ་རྩོད་མུ་མཐུད་དུ་བྱེད་བཞིན་ཡོད་པ།