པ་ཀི་སི་ཐན་དང་རྒྱ་གར་གྱི་ཚོང་འབྲེལ།

འདས་པའི་ལོ་གསུམ་གྱི་རིང་དེར་རྒྱ་གར་དང་པ་ཀི་སི་ཐན་གཉིས་ཀས་ཚོང་ལས་ཀྱི་འབྲེལ་བ་རྒྱུན་ལྡན་དུ་བསྒྱུར་པ་དེར་གྲུབ་འབྲས་ཆེན་པོ་ཞིག་ཐོན་ཡོད་ཅིང་། ཁོ་ཚོས་ས་མཚམས་ཀྱི་ཚོང་ལས་ཡར་རྒྱས་གཏོང་བའི་གྲོས་མཐུན་འགའ་ཞིག་ལ་མིང་རྟགས་བཀོད་དེ། ད་ལྟ་རྒྱ་གར་དང་པ་ཀི་སི་ཐན་གྱི་ཚོང་ལས་དེ་ལོ་རེར་ཨ་སྒོར་དུང་ཕྱུར་༢༦་ཟིན་ཡོད་པ་དང་། སྔ་ལོ་ཀ་སི་མིར་གྱི་ས་མཚམས་སུ་རྒྱ་གར་དང་པ་ཀི་སི་ཐན་གྱི་དམག་གིས་ཟིང་འཁྲུག་བསླངས་ནས་ཕྱོགས་གཉིས་ཀྱི་ཚོང་ལས་དེར་འགོག་རྐྱེན་ཅུང་ཟད་འཕྲད་པས། ཁ་སྔོན་ཕྱི་ཟླ་༡༢་ནང་རྒྱ་གར་དང་པ་ཀི་སི་ཐན་གྱི་དམག་གི་ཆེས་མཐོ་འགོ་ཁྲིད་ཚོ་ཐུག་འཕྲད་བྱས་ཏེ། ཁོ་ཚོས་ཀ་ཤི་མིར་གྱི་ས་མཚམས་ཁག་ཏུ་མེ་འཕེན་མཚམས་འཇོག་བྱེད་རྒྱུ་དང་། ཕྱོགས་གཉིས་ཀྱི་ས་མཚམས་ཁག་ལ་ཞི་བདེ་བརྟན་ལྷིང་བསྐྲུན་རྒྱུའི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་ཡོད་པ་རེད།།

Your browser doesn’t support HTML5

པ་ཀི་སི་ཐན་དང་རྒྱ་གར་གྱི་ཚོང་འབྲེལ།