བོད་པ་ཞིག་གིས་རྡ་སའི་དུར་ཁྲོད་ཉམས་གསོ།

Your browser doesn’t support HTML5

དབྱིན་ཡུལ་དུ་གནས་འཁོད་ངག་དབང་ཕུན་ཚོགས་ལགས་ཀྱིས་འགོ་ཁྲིད་ནས་རྡ་སའི་ཁུལ་གྱི་དང་བླངས་པ་ཁག་ཅིག་གིས་བཞུགས་སྒར་རྡ་རམ་སའི་དུར་ཁྲོད་ཉམས་གསོ་ཆེན་པོ་ཞིག་བྱས་འདུག ཉམས་གསོ་དེའི་ལས་གཞི་ཡོངས་རྫོགས་མཇུག་བསྒྲིལ་པར་དུས་ཡུན་ཉིན་༢༦་འགོར། ལས་གཞི་དེར་བོད་པ་ཚོས་དོ་སྣང་ཆེན་པོ་བྱས་ཡོད་པར་མ་ཟད། ལས་གཞིའི་འགྲོ་གྲོན་ཆེད་དུ་བོད་པ་གང་འཚམ་ཞིག་གིས་ཞལ་འདེབས་ཀྱང་གནང་ཡོད་པ་རེད། དུར་ཁྲོད་ཉམས་གསོ་བྱེད་དགོས་དོན་དང་དུར་ཁྲོད་དེར་ཉམས་གསོ་གཙོ་བོ་ཅི་ཞིག་བྱས་ཡོད་མེད་སྐོར།