བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱ་སྲིད་པའི་རྟགས་མཚན།

ཉེ་ཆར་བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདའ་ཞིག་ཚོད་ལྟ་བྱས་པ་དེར་ལམ་ལྷུང་མ་བྱུང་བ་དང་། རྒྱལ་སྤྱིའི་ཐོག་ཏུ་བྱང་ཀོ་རི་ཡ་ངོ་ཚ་ཁ་སྐྱེངས་ཀྱི་གནས་སུ་ལྷུང་ནས་བཟུང་། བྱང་ཀོ་རི་ཡའི་དམར་ཤོག་སྲིད་གཞུང་གིས་ལྕགས་འཁྲབ་འཁོར་ལོ་དང་དྲག་པོའི་དཔུང་སྡེ། མེ་ཤུགས་འཕུར་མདའ་སོགས་ཀྱི་སྟོབས་ཤུགས་ངོམ་ནས་དམག་གི་རུ་སྒྲིག་བྱས་པ་དང་། ཁོ་ཚོས་ལྷོ་ཀོ་རི་ཡར་སྔོན་ཆད་བྱུང་མྱོང་མེད་པའི་གཏོར་རྒོལ་བྱེད་རྒྱུའི་སྡིགས་ར་བསྐུལ་པ། ད་དུང་བདུན་ཕྲག་རེ་ཟུང་ཞིག་གི་ནང་ཚུད་དུ་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་ཞིག་ཚོད་ལྟ་བྱེད་སྲིད་པའི་རྟགས་མཚན་ཡོད་པས། ལྷོ་ཀོ་རི་ཡ་དང་རྒྱ་ནག་གཉིས་ཀྱིས་བྱང་ཀོ་རི་ཡར་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱ་རྒྱུ་ཚོད་འཛིན་བྱེད་དགོས་ཞེས་ཉེན་བརྡ་བཏང་ཡོད་པ་རེད།