ཨང་སང་སུ་ཅི་ལ་ལོ་༦་གི་བཙོན་འཇུག་ཉེས་ཆད།

Your browser doesn’t support HTML5

འབར་མའི་དམག་གི་འགོ་ཁྲིད་ཚོའི་སྟངས་འཛིན་འོག་ཏུ་ཡོད་པའི་ཁྲིམས་ཁང་ཞིག་གིས་ཨང་སང་སུ་ཅིས་ཆོག་མཆན་མེད་པར་བརྡ་གཏོང་ལག་ཐོགས་ཁ་པར་ཞིག་ཉར་འཛིན་བྱས་པའི་ནག་ཉེས་བཙུགས་ཏེ་ལོ་བཞིའི་བཙོན་འཇུག་གི་ཁྲིམས་ཐག་བཅད། ད་ལྟ་ཁྱོན་བསྡོམས་འབར་མའི་དམག་གཞུང་གིས་ཨང་སང་སུ་ཅིར་ལོ་༦་གི་བཙོན་འཇུག་བཅད་ཁྲ་བསྒྲགས་ཡོད་པའི་སྐོར།