བོད་ནང་གི་གདན་ས་གསུམ་ལ་སྨོན་ལམ་འཚོགས་བཞིན་པ།

Your browser doesn’t support HTML5

འདི་ལོ་འཛམ་གླིང་ཁྱོན་ཡོངས་ལ་རྒྱ་ནག་ནས་ཁྱབ་པའི་ཏོག་དབྱིབས་ནད་དུག་གིས་འདུ་འཛོམ་གྱི་བྱེད་སྒོ་ཁག་སྤེལ་རྒྱུར་དཀའ་ངལ་འཕྲད་བཞིན་པ་ལྟར་བོད་ཀྱི་ལོ་སར་གོང་དུ་ལྷ་ས་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱིས་བརྡ་ཁྱབ་ཅིག་བཏང་ནས་སེ་རའི་ཕུར་མཇལ་དང་གཙུག་ལག་ཁང་སོགས་དགོན་སྡེ་ཁག་ལ་མཆོད་མཇལ་དུ་གཏང་རྒྱུ་མིན།