ལྡི་ལིར་རྒྱ་ནག་གཞུང་ཚབ་ཁང་དུ་རྒོལ་མཆོང་ལས་འགུལ་སྤེལ།

Your browser doesn’t support HTML5

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཁོངས་མི་༡༡་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་ལ་རྒོལ་མཆོང་ལས་འགུལ་སྤེལ་ཏེ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༡་པ་སྲུང་བརྩི་བྱས་པ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་བྱས་པའི་རྒོལ་མཆོང་ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་རྣམས་རྒྱ་གར་བདེ་སྲུང་མི་སྣས་འཛིན་བཟུང་བྱས་ཤིང་། དུས་ཚོད་ཁ་ཤས་ཤིག་ལ་བཀག་ཉར་བྱས་རྗེས་གློད་བཀྲོལ་བཏང་ཡོད།།