དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་རྒྱ་ནག་གི་གསང་ཉུལ་མིན་པའི་གསལ་བཤད།

དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་རྒྱ་ནག་གི་གསང་ཉུལ་མིན་པའི་གསལ་བཤད།

རྒྱ་གར་གྱི་གསར་ལམ་ཁག་ཅིག་གི་ནང་དཔལ་རྒྱལ་བ་ཀརྨ་པ་མཆོག་རྒྱ་ནག་གི་གསངཉུལ་ཡིན་པའི་གཞི་མེད་ཀྱི་སྐྱོན་འཛུགས་བྱས་པར་ཀརྨ་པ་སྐུ་ངོ་མས་གང་ཉིད་རྒྱ་མིའི་གསང་ཉུལ་མིན་ཞེས་གསལ་བཤད་ཐོག་མ་དེ་གནང་ཡོད་པ་རེད། ཀརྨ་པའི་བླ་བྲང་གི་དངུལ་གྱི་དོན་རྐྱེན་ཐད་ཟླ་བ་༢པའི་ནང་རྒྱ་གར་དབུས་གཞུང་གིས་དངུལ་འབོར་རྣམས་ ཀརྨ་པ་མཆོག་ལ་དད་ལྡན་པས་ཕུལ་བའི་དངུལ་ཡིན་པ་གསལ་བཤད་གནང་པ་སྟེ་ཉེས་གང་ཡང་མེད་པ་གཙང་མ་ཡིན་པའི་གསལ་བསྒྲགས་གནང་ཟིན་པ་བཅས་ཀྱི་གནས་ཚུལ་ཞིབ་ཕྲ་བསོད་ནམས་གཡང་འཛོམས་ཀྱིས་སྙན་སྒྲོན་གནང་གིན་རེད།