ཉི་ཧོང་གི་སྲིད་བློན་ཤཱིན་ཛོ་ཨ་བྷེ་བདེ་ཐང་མེད་པ།
Your browser doesn’t support HTML5
༄༅།། ཉི་ཧོང་གི་སྲིད་བློན་ཤཱིན་ཛོ་ཨ་བྷེ་བདེ་ཐང་མེད་པར་དུས་ཡུན་བདུན་ཕྲག་གཅིག་གི་ནང་དུ་སྨན་ཁང་ལ་ཐེངས་གཉིས་ཕེབས་དགོས་བྱུང་ཡོད་ཅིང་། དེར་བརྟེན་ཉི་ཧོང་མི་མང་གིས་སྲིད་བློན་གྱི་སྐུ་གཟུགས་བདེ་ཐང་ཡོད་མེད་ཐོག་ཏུ་བློ་འཚབ་བྱ་དགོས་པ་ཞིག་ཏུ་གྱུར་འདུག