རྒྱ་གར་ལ་ནད་ཡམས་དུས་སུ་བུད་མེད་ཚོར་གོ་སྐབས་ཐོབ་པ།

Your browser doesn’t support HTML5

རྒྱ་གར་གྱི་དཔལ་འབྱོར་འཕེལ་རྒྱས་དང་ལས་རིགས་བཀོད་སྒྲིག་བྱེད་ཕྱོགས་སུ་ཉམས་ཞིབ་བྱས་པའི་ཚོང་འབྲེལ་གྱི་གསར་ཤོག་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་ཛ་དྲག་གི་གནས་སྟངས་འོག་ཏུ་མི་ཚོས་ལས་རིགས་མང་པོ་ཞིག་རང་ཁྱིམ་དུ་བསྒྲུབ་དགོས་བྱུང་ཡོད་ཅིང་།