རྒྱ་གར་ནང་ཏོག་དབྱིབས་ནད་དུག་སྔོན་འགོག་སྨན་ཁབ་བརྒྱབ་རྒྱུ་འགོ་ཚུགས་པ།

Your browser doesn’t support HTML5

རྒྱ་གར་ནང་ཏོག་དབྱིབས་ནད་དུག་སྔོན་འགོག་སྨན་ཁབ་བརྒྱབ་རྒྱུ་འགོ་ཚུགས་པ།

༄༅།། །ཏོག་དབྱིབས་ནད་དུག་སྔོན་འགོག་བྱ་རྒྱུར་འབྱོར་ལྡན་ཡུལ་ཚོས་སོའི་མི་མང་ལ་སྨན་ཁབ་བརྒྱབ་རྒྱུ་འགོ་འཛུགས་བྱས་ཟིན་ཡོད་པ་བཞིན་རྒྱ་གར་གྱིས་ཀྱང་ཏོག་དབྱིབས་ནད་དུག་སྔོན་འགོག་བྱ་རྒྱུར་སྨན་ཁབ་བརྒྱབ་རྒྱུའི་ལས་གཞི་རྒྱ་ཆེ་ཤོས་དེ་རེས་གཟའ་སྤེན་པ་ནས་འགོ་འཛུགས་བྱས་འདུག་ཅིང་། རྒྱ་གར་གྱིས་ཨ་མི་རི་ཀའི་མི་འབོར་དང་མཉམ་པའི་མི་མང་དུང་ཕྱུར་གསུམ་ཙམ་ལ་སྔོན་འགོག་སྨན་ཁབ་དེ་བརྒྱག་རྩིས་བྱེད་ཀྱི་ཡོད་པ་རེད། དེ་ཡང་རྒྱ་གར་ནང་སྨན་པ་དང་སྨན་ཞབས། འཕྲོད་བསྟེན་དང་འབྲེལ་བ་ཡོད་པའི་ལས་བྱེད་ཁྱོན་བསྡོམས་མི་གྲངས་བྱེ་བ་གསུམ་ཡོད་པ་དེ་དག་ལ་དང་པོ་བརྒྱབ་རྒྱུ་ཡིན་པ་དང་། དེའི་རྗེས་ལོ་ན་ལྔ་བཅུ་ཡན་དང་ཏོག་དབྱིབས་ནད་དུག་འགོས་ཉེན་ཆེ་བའི་ནད་པའི་རིགས་ལ་སྔོན་འགོག་སྨན་ཁབ་དེ་བརྒྱབ་འཆར་ཡོད་པ་བཅས་ཀྱི་གནས་ཚུལ་དེ་ཕུན་ཚོགས་ཚེ་རིང་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།