རྒྱ་གར་གྱི་ས་ཐོག་ནས་རྒྱ་མིའི་དམག་མི་ཕྱིར་འཐེན་བྱས་པ།

ཉེ་དུས་རྒྱ་གར་གྱི་བྱང་ཕྱོགས་ལ་དྭགས་ཁུལ་དུ་རྒྱ་མིའི་དཔུང་དམག་རུ་ཁག་གཅིག་གིས་རྒྱ་གར་གྱི་ས་ཐོག་ཏུ་ཉིན་གྲངས་ཉི་ཤུའི་རིང་གུར་ཕུབ་སྟེ་བསྡད་པའི་རྐྱེན་གྱིས་རྒྱ་དཀར་ནག་་གཉིས་ཀྱི་འབྲེལ་བའི་གནས་སྟངས་ཕྲན་བུ་ཛ་དྲག་ཏུ་སོང་ཡོད་འདུག་ཀྱང་། རེས་གཟའ་ཉི་མའི་ཕྱི་དྲོ་རྒྱ་མའི་དམག་མི་དེ་དག་རྒྱ་གར་གྱི་ས་ཐོག་ནས་ཕྱིར་འཐེན་བྱས་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་འཕྲིན་ཁག་ནང་ཐོན་པའི་གནས་ཚུལ་དེ་ཚེ་བརྟན་ཆོས་སྒྲོན་གྱིས་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་གི་རེད།

Your browser doesn’t support HTML5

རྒྱ་གར་གྱི་ས་ཐོག་ནས་རྒྱ་མིའི་དམག་མི་ཕྱིར་འཐེན་བྱས་པ།