༄༅།། ལ་དྭགས་ཀྱི་ཤར་ཕྱོགས་སུ་འཆག་པའི་ཆུ་ཚན་དང་གོག་རྭ། སྡེབ་སང་བྱང་ཐང་ནས་རྒྱ་དཀར་ནག་གཉིས་ཀྱིས་རང་གི་དམག་དཔུང་རྣམས་ཕྱིར་འཐེན་བྱེད་ཕྱོགས་སུ་རྒྱལ་ཁབ་གཉིས་ཀྱི་ས་མཚམས་སུ་འཁོད་པའི་དམག་དཔོན་ཚོས་འདི་ཟླའི་ཚེས་དགུ་སྟེ། རེས་གཟའ་པ་སངས་ཉིན་ཆུ་ཚོད་༡༣་གྱི་རིང་ལ་གྲོས་སྡུར་བྱས་ནས་རྒྱལ་ཁབ་གཉིས་ཀྱི་དམག་གིས་འཁྲུག་རྐྱེན་གསར་པ་སློང་བ་འགོག་ཐབས་བྱས་ཏེ་ས་མཚམས་སུ་ཞི་བདེ་བསྐྲུན་ནས་རྒྱུན་འཁྱོངས་བྱེད་དགོས་པའི་ཐག་གཅོད་བྱུང་ཡོད་པའི་སྐོར། རྒྱ་དཀར་ནག་དང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་སྤེལ་བའི་གནས་ཚུལ་དེ་ཕུན་ཚོགས་ཚེ་རིང་གིས་ཕྱོགས་བསྒྲིགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།
Your browser doesn’t support HTML5
རྒྱ་དཀར་ནག་གཉིས་ཀས་ས་མཚམས་སུ་ཞི་བདེ་བསྐྲུན་རྒྱུ།