ཨུ་རུ་སུའི་མི་བརྒྱ་ཕྲག་མང་པོ་སླར་ཡང་ན་ཝཱལ་ནི་ལ་མྱ་ངན་ཞུ་རུ་བཅར་ཡོད་པ།

Your browser doesn’t support HTML5

དུར་འཇུག་གྲུབ་རྗེས་ཀྱི་ཉིན་གཉིས་པར་སླར་ཡང་། ཨུ་རུ་སུའི་མི་མང་བརྒྱ་ཕྲག་མང་པོ་ལྐོག་ཟ་རུལ་སུངས་ཀྱི་བྱ་སྤྱོད་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་ཨེ་ལེ་སི་ན་ཝཱལ་ནིའི་དུར་སར་ཕྱིན་ཏེ། དམ་པ་དེ་ཉིད་ལ་མྱ་ངན་གུས་འདུད་ཞུས་ཡོད་པའི་སྐོར་ཕུན་ཚོགས་ཚེ་རིང་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།