བཞི་འབྲེལ་མཐུན་ཚོགས་ཁོངས་སུ་རྒྱལ་ཁབ་མང་ཙམ་ཞུགས་འཆར།

༄༅།། ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ཟུར་པ་ཁོན་ཌ་ལི་ས་རཱ་ཡེ་སི་ཡིས་རེས་གཟའ་ལྷག་པའི་ཉིན་སྲིད་འཛིན་བྷ་ཌན་གྱི་གཞུང་གིས་རྒྱ་ནག་ལ་འཛིན་པའི་སྲིད་བྱུས་དེར་རྒྱབ་སྐྱོར་ཡོད། རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཞིས་ཅིན་ཕིང་གིས་གྱོང་མཁྲེགས་ཀྱི་སྲིད་བྱུས་ཤིག་འཛིན་གྱི་ཡོད་པས་ཨ་རི་དང་ཨ་གླིང་། ཉི་ཧོང་དང་རྒྱ་གར་བཅས་ཀྱི་བཞི་འབྲེལ་མཐུན་ཚོགས་ཁོངས་སུ་རྒྱ་ཁབ་གཞན་པ་མང་དག་ཅིག་མཉམ་ཞུགས་བྱ་རྒྱུའི་རྟགས་མཚན་འདུག དམངས་གཙོའི་རྒྱལ་ཁབ་ཁག་གིས་འཐབ་ཕྱོགས་གཅིག་གྱུར་གྱིས་རྒྱ་ནག་གི་བཙན་དྲག་རྒྱ་སྐྱེད་ལ་གདོང་ལེན་བྱ་དགོས་ཞེས་ནན་བརྗོད་གནང་འདུག་པའི་སྐོར། ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

Your browser doesn’t support HTML5

བཞི་འབྲེལ་མཐུན་ཚོགས་ཁོངས་སུ་རྒྱལ་ཁབ་མང་ཙམ་ཞུགས་འཆར།