ཨ་རིའི་བོད་ཀྱི་ཐེབས་རྩའི་འགན་འཛིན་ཚོགས་མིར་མཇལ་ཁ།

Your browser doesn’t support HTML5

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་མཆོག་ལ་ཨ་རིའི་བོད་ཀྱི་ཐེབས་རྩས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་སྤྱི་ཟླ་༩ ཚེས་༡༢ ཉིན་གོང་ས་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཐེབས་རྩའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཁག་ཅིག་དང་བོད་ཀྱི་ཐེབས་རྩར་རྒྱུན་དུ་རྒྱབ་སྐྱོར་གནང་མཁན་གྱི་མི་སྣ་ཁག་ཅིག་ལ་མཇལ་ཁ་སྩལ།