ཨ་རིའི་གྲོས་ཚོགས་ཀྱིས་བོད་དོན་ལས་འཆར་ལ་རོགས་དངུལ་གནང་རྒྱུ་ཡིན་པ།

ཨ་མི་རི་ཀའི་གྲོས་ཚོགས་ཀྱིས་སྤྱི་ལོ་ཉིས་སྟོང་བཅུ་བཞི་ལོའི་གཞུང་གྲོན་གྱི་སྔོན་རྩིས་འཆར་གཞི་ཞིག་གཏན་འབེབས་གནང་ཉེར་ཡོད་པ་དེའི་ནང་། བོད་དོན་ལས་འཆར་ཁག་གི་ཆེད་དུ་རོགས་དངུལ་ཨ་སྒོར་ས་ཡ་བཅུ་དགུ་གནང་རྒྱུའི་དོན་ཚན་ཞིག་ཀྱང་འཁོད་ཡོད་པ་དེ་ནི། ཨ་མི་རི་ཀའི་གྲོས་ཚོགས་ཀྱིས་ཡང་བསྐྱར་བོད་དོན་ལ་རྒྱབ་སྐྱོར་དང་ཐུགས་འཁུར་གྱི་རྣམ་པ་ཤུགས་ཆེ་བསྟན་པ་ཞིག་ཡིན་པའི་སྐོར་ རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྤེལ་བའི་གནས་ཚུལ་ཞིག དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།

Your browser doesn’t support HTML5

ཨ་རིའི་གྲོས་ཚོགས་ཀྱིས་བོད་དོན་ལས་འཆར་ལ་རོགས་དངུལ་གནང་རྒྱུ་ཡིན་པ།