རྒྱ་རིགས་མཁས་པ་ཡང་ཅན་ལཱིས་ཟས་བཅད་ངོ་རྒོལ་ལ་མཉམ་ཞུགས་གནང་བ།

ཨ་མེ་རི་ཀའི་ནེའུ་ཡོག་གྲོང་ཁྱེར་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ། བོད་མདོ་སྨད་ར་རྒྱ་དགོན་པའི་དགོན་བདག་སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་ཡིས་གཙོས་པའི་བོད་མི་གསུམ་གྱིས་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གནང་སྟེ་ཉིན་བཅུ་གཅིག་འགྲོ་བཞིན་པའི་སྐབས། ཨ་མེ་རི་ཀའི་ཧཱ་ཝེལ་གཙུག་ལག་སློབ་གྲྭའི་སློབ་དཔོན་དང་རྩོམ་པ་པོ་སྐད་གྲགས་ཅན་རྒྱ་རིགས་ཡཱང་ཅན་ལཱིས་ཉིན་གཅིག་གི་ཟད་བཅད་དུས་ཡུན་ལ་མཉམས་ཞུགས་བྱས་པའི་སྐོར། ནེའུ་ཡོག་ནས་འདི་ཀ་བོད་སྐད་སྡེ་ཚན་གྱི་གནས་ཚུལ་མཁོ་གཏོང་བ་བསྟན་འཛིན་ཕན་ཐོགས་ལགས་ཀྱིས་བཏང་ཡོང་བའི་གནས་ཚུལ་ཞིག་ལ་གསན་རོགས་གནང་།