རྒྱ་ནག་དང་པ་ཀི་སི་ཐན་ལ་རྒྱ་གར་ལས་རྡུལ་ཕྲན་མཚོན་ཆ་མང་བ་ཡོད་པ།

Your browser doesn’t support HTML5

༄༅།། རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་ནག་དང་པ་ཀི་སི་ཐན་གཉིས་ལ་རྒྱ་གར་ལས་ཀྱང་རྡུལ་ཕྲན་མཚོན་ཆ་མང་བ་ཡོད་ཅིང་། ཡུལ་ཁག་གསུམ་གྱིས་སྔ་ལོ་ཕུག་གསོག་བྱས་ཡོད་པའི་རྡུལ་ཕྲན་མཚོན་ཆའི་ཐོག་ཏུ་ལོ་འདིར་རྡུལ་ཕྲན་མཚོན་ཆ་ཁ་སྣོན་བྱས་ཡོད་པར་མ་ཟད། རྒྱ་ནག་གིས་མཚོན་ཆ་རྙིང་པ་རྣམས་ཕྱིར་བསྡུ་བྱས་ནས་དེའི་ཚབ་ཏུ་ཆེས་དེང་རབས་ཅན་གྱི་མཚོན་ཆ་གསར་པ་མཁོ་སྒྲུབ་བྱེད་ཀྱི་ཡོད་པ་སྟེ།