རྒྱ་ནག་དང་གྷ་དྷ་ཧྥིའི་འབྲེལ་བ།

རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཅང་ཡུའི་ཡིས་ཁ་སྔོན་ཕྱི་ཟླ་༧་ནང་ལི་བི་ཡའི་འགོ་ཁྲིད་མོ་མར་གྷ་དྷ་ཧྥིའི་སྐུ་ཚབ་ཅིག་དང་། རྒྱ་ནག་གི་མཚོན་ཆ་བཟོ་ཚོང་ལས་ཁང་ཞིག་གི་སྐུ་ཚབ་ཚོ་ཐུག་འཕྲད་གྲོས་མོལ་བྱས་པ་བདེན་པ་ཡིན། འོན་ཀྱང་ཁོང་ཚོས་གྲོས་མོལ་ཅི་ཞིག་བྱས་ཡོད་མེད་རྒྱ་ནག་གཞུང་གིས་ཤེས་རྟོགས་བྱུང་མེད་པ་དང་། རྒྱ་ནག་གིས་ལི་བི་ཡར་མཚོན་ཆ་ཕྱིར་ཚོང་བྱས་མེད་ཅེས་བཤད་ཡོད་པ་རེད།