ཨ་རིས་ཐ་ཝན་ལ་མཁའ་དམག་གནམ་གྲུ་ཚོང་བསྒྱུར་བྱ་རྒྱུར་རྒྱ་ནག་གིས་སྐྱོན་བརྗོད་བྱས་པ།

གཟའ་འཁོར་སྔོན་མ་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་འཐུས་མི་རྣམས་ཀྱིས་ཨ་རིའི་ཕྱོགས་ནས་ཐ་ཝན་ལ་མཁའ་དམག་གནམ་གྲུ་ཐོན་གསར་གྲངས་༦༦ཚོང་བསྒྱུར་བྱེད་དགོས་པའི་ཐད་འོས་ཤོག་འཕངས་པར་བརྟེན་ དེ་ནི་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱས་པ་ཞིག་རེད་ཅེས་རེས་གཟའ་ཟླ་བའི་ཉིན་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱས་ཡོད་པའི་སྐོར་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས་ཀུན་བཟང་སྒྲོལ་མས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།