རྒྱ་ནག་གིས་སྔར་བཞིན་ཐེ་ཝན་ལ་དྲག་པོས་སྡིགས་སྐུལ།

Your browser doesn’t support HTML5

ཐེ་ཝན་གྱི་རྒྱལ་སྲུང་ལྷན་ཁང་གིས་ཟླ་བ་གཉིས་པའི་ཚེས་དགུ་ཉིན་རྒྱ་ནག་གི་འཐབ་འཛིང་གནམ་གྲུ་ཁག་གིས་ཉིན་དེའི་ཆུ་ཚོད་༡༡་ཙམ་ལ་ཞི་བདེའི་རྒྱ་མཚོའི་ནུབ་ཕྱོགས་ཀྱི་མཁའ་དབྱིངས་སུ་ཕུར་སྐྱོད་དང་རྒྱང་རིང་ནས་དམག་སྦྱོང་བྱས་སོང་། ཐེ་ཝན་གི་ཨེབ་༡༦་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་བཏང་ནས་ཛ་དྲག་གིས་རྒྱ་ནག་གི་འཐབ་འཛིང་གནམ་གྲུ་དེ་དག་གི་འགུལ་སྐྱོད་ལ་ལྟ་ཞིབ་གཟབ་ནན་བྱས་པ་ཡིན་ཞེས་བཤད་ཡོད་པའི་སྐོར།