དབྱིན་ཇི་དང་ཡུ་རོབ་མཉམ་འབྲེལ།

Your browser doesn’t support HTML5

༄༅།། ཕྱི་ཟླ་༩་ཚེས་༩་ཉིན་དབྱིན་ཇིའི་གྲོས་ཚོགས་ཀྱིས་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱ་རྒྱུ་དེར་ཕྱོགས་གཉིས་ཀྱིས་གྲོས་མཐུན་ཞིག་བཞག་ནས་ཕྱིར་འཐེན་བྱ་དགོས། གལ་སྲིད་ཡུ་རོབ་མཉམ་འབྲེལ་དང་དབྱིན་ཇི་གཉིས་གྲོས་མཐུན་ཞིག་མ་བྱུང་ན་ཕྱི་ཟླ་༡༠་པའི་ཟླ་མཇུག་ཏུ་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱ་རྒྱུ་ཕར་འགྱངས་གཏོང་དགོས་ཞེས་བཅའ་ཁྲིམས་ཤིག་གཏན་ལ་ཕབ། སྲིད་བློན་ཇཱོན་སན་གྱིས་གྲོས་ཚོགས་ཀྱིས་བཅའ་ཁྲིམས་ཤིག་གཏན་འབེབས་བྱས་ཀྱང་ཁྱད་པར་མེད།