གྷ་ཛ་སྨན་ཁང་ལ་གཏོར་རྒོལ་བྱུང་བར་སྲིད་འཛིན་བྷ་ཌན་གྱིས་ཨི་སི་རེལ་ལ་རྒྱབ་སྐྱོར་དང་ཧཱ་མ་སི་ལ་སྐྱོན་བརྗོད།

Your browser doesn’t support HTML5

ཨ་རིའི་སྲིད་འཛིན་ཇོ་བྷ་ཌན་གྱིས་ཨི་སི་རེལ་ལ་གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་གནང་ཆེད་རེས་གཟའ་ལྷག་པའི་ཉིན་ཨི་སི་རེལ་ལ་ཆེད་ཕེབས་གནང་བ་དང་། །ཉེ་ལམ་གྷ་ཛ་སྨན་ཁང་ཞིག་ལ་གཏོར་རྒོལ་གཏོང་མཁན་དེ་ནི་པེ་ལི་སི་ཏན་གྱི་ཁ་ཆེ་དྲག་སྤྱོད་པ་ཡིན་ལུགས་གསུངས་པའི་སྐོར་ཀུན་བཟང་སྒྲོལ་མ་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།