རྒྱ་གར་ནང་མེ་འཁོར་བརྡབས་སྐྱོན་འཚབ་ཆེ་ཞིག་བྱུང་ཡོད་པ།

Your browser doesn’t support HTML5

༄༅། །རེས་གཟའ་སྤེན་པའི་ཉིན་རྒྱ་གར་ཨོ་ཌི་ཤ་མངའ་སྡེའི་ནང་མེ་འཁོར་གདོང་ཐུག་བྱུང་ནས་ཁྱོན་མི་གྲངས་༢༨༨ ལ་སྲོག་སྐྱོན་བྱུང་ཡོད་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བ་དེ་ནི་རྒྱ་གར་ནང་ལ་ལོ་ངོ་བཅུ་འཕྲག་གཉིས་ཙམ་ནང་མེ་འཁོར་གྱི་རྡབས་སྐྱོན་འཚབ་ཆེ་ཤོས་གྲས་ཡིན་པའི་སྐོར་རིག་འཛིན་གྱིས་གནས་ཚུལ་སྙན་སྒྲོན་ཞུ་ཡི་རེད།