ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་རྡོ་རྗེ་མཁའ་འགྲོ་མཆོག་གི་སྐུ་ཕུང་རྙེད་གསོན་བྱུང་ཡོད་པ།

Arunchal Pradesh state Chief Minister Dorjee Khandu is seen to the left of Dalai Lama, in the northeastern Arunachal Pradesh state, India, Sunday, Nov. 8, 2009.

རྒྱ་གར་གྱི་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྡོ་རྗེ་མཁའ་འགྲོ་མཆོག་འཁྱེར་བའི་ཐད་འཕུར་གནམ་གྲུ་ཉེ་དུས་ཚེས་སུམ་ཅུ་ཉིོན་མོན་རྟ་དབང་ཁུལ་དུ་གར་སོང་ཆ་མེད་དུ་གྱུར་ནས་བློན་ཆེན་མཆོག་གི་སྐུ་ཕུང་གིས་དབུས་པའི་ཕུང་པོ་ཁག་རེས་གཟའ་ལྷག་པ་ཉིན་རྙེད་སོན་བྱུང་སྟེ་ཕུང་པོ་དུམ་པོ་མང་པོར་གྱུར་ཏེ་ངོ་ཐག་ཆེད་ཐུབ་དཀའ་བ་ཆགས་ཡོད་པ་དང་། སྐུ་ཞབས་རྡོ་རྗེ་མཁའ་འགྲོ་མཆོག་ནི་སྤྱི་ནོར་༢གོང་ས་༢སྐྱབས་མགོན་ཆེན་པོ་ཆེ་མཆོག་ལ་དད་གུས་ཆེ་བ་དང་བོད་མིར་ཤ་ཚ་གནང་མཁན་ཞིག་ཡིན་པར་བརྟེན་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཆོག་གིས་ཀྱང་སྐུ་ཞབས་རྡོ་རྗེ་མཁའ་འགྲོ་མཆོག་གི་ནང་མིར་ཐུགས་གསོ་གནང་ཡོད་པའི་སྐོར་རྒྱལ་མཚན་ཚེ་རིང་ལགས་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་གནང་བ་ཞིག་གསན་གྱི་རེད།