འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་ཚོགས་ཆེན་ལ་བོད་པ་མཉན་ཞུགས།

བདུན་ཕྲག་གཉིས་རིང་གི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་ཚོགས་ཆེན་ཡུ་རོབ་རྒྱལ་ཁབ་སི་པེན་གྱི་རྒྱལ་སར་འཚོགས་བཞིན་ཡོད་ཅིང་། ཨོ་གླིང་བོད་པའི་སྤྱི་འཐུས་གདོང་འདུད་སྐྱིད་འཛོམས་ལགས་གཞུང་འབྲེལ་མིན་པའི་ཚོགས་མིའི་གནས་བབ་ཐོག་ཏུ་རྒྱལ་ཚོགས་ཀྱི་ཚོགས་ཆེན་དེར་མཉམ་ཞུགས་གནང་སྟེ། ཁོང་གིས་བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་འགྲོ་བཞིན་འི་ཉེན་ཚབས་དང་བོད་མཐོ་སྒང་གི་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་བྱ་དགོས་པའི་གནད་དོན་རྣམས་གླེང་སློང་བྱུང་ཡོད་པའི་སྐོར། རྒྱལ་མཚན་ཚེ་རིང་ལགས་ཀྱིས་སྤྱི་འཐུས་གདོང་འདུད་སྐྱིད་འཛོམས་ལགས་སུ་ཚོགས་ཆེན་སྐོར་བཅར་འདྲི་ཞུས་ཏེ་གནས་ཚུལ་ཕྱོགས་བསྒྲིགས་གནང་བ་ཞིག་གསན་རོགས་གནང་།

Your browser doesn’t support HTML5

འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་ཚོགས་ཆེན་ལ་བོད་པ་མཉན་ཞུགས།