རྒྱ་གར་གྱི་ཁ་ཆེ་ཚོར་ཏོག་དབྱིབས་ནད་དུག་ཁྱབ་གདལ་བཏང་བའི་ཁ་དཀྲི

༄༅།། རྒྱ་གར་ནང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཤུགས་ཆེར་སོང་བའི་རྒྱུ་རྐྱེན་ཁ་ཆེའི་ཚོགས་ཁག་གཅིག་གིས་གཞུང་གི་དམ་དྲག་ལ་རྩིས་མེད་ཀྱིས་འདུ་འཛོམས་བྱས་ཡོད་པ་དེ་ཡིན་པའི་སྐྱོན་འཛུགས་བྱེད་ཀྱི་ཡོད་ཅིང་། དེས་རྒྱ་གར་རྒྱལ་ནང་དུ་ཁ་ཆེའི་མི་རིགས་ཚོར་མི་དགའ་བའི་རྣམ་འགྱུར་དང་། ཚོང་ཁང་ལ་འགྲོ་རྒྱུ་མཚམས་འཇོག་བྱས་པ་སོགས་ཀྱིས་རྒྱལ་ཁབ་ནང་དྲག་ཟིང་གི་དོན་རྐྱེན་བྱེད་སྲིད་པའི་ཉེན་བརྡ་བཏང་འདུག་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ནང་་ཐོན་པའི་གནས་ཚུལ་རྣམས་ཚེ་བརྟན་ཆོས་སྒྲོན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་གི་རེད།