རྒྱ་གར་རྒྱལ་ཡོངས་སུ་ཉིན་༢༡་ལ་འགྲོ་འོང་བཀག་སྡོམ།

Your browser doesn’t support HTML5

༄༅།། རྒྱ་གར་གྱི་སྲིད་བློན་ན་རེན་དྷ་ར་མོ་དྷིས་ཁ་སང་ཕྱི་ཟླ་༣་པའི་ཚེས་༢༤་ཉིན་གྱི་དགོང་དྲོར་རྒྱལ་ཡོངས་བརྙན་འཕྲིན་ཐོག་ཏུ་༢༠༡༩་ལོའི་ཏོག་དབྱིབས་རིམས་ནད་ཁྱབ་གདལ་གྱི་ཛ་དྲག་ཆེ་བས་རྒྱ་གར་རྒྱལ་ཡོངས་སུ་ཉིན་གྲངས་༢༡་ལ་འགྲིམ་འགྲུལ་དང་ཚོང་ལས། མི་ཚོགས་འདུ་འཛོམས་སོགས་བྱེད་མི་ཆོག་ཅེས་བཀའ་རྒྱ་ཞིག་བསྒྲགས་ཡོད་པ་རེད། དེའི་སྐོར་གྱི་ཞིབ་ཕྲའི་གནས་ཚུལ་རྣམས་འདི་ག་རླུང་འཕྲིན་ཁང་གི་ལྡི་ལིའི་ས་གནས་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་བཏང་པ་དེ་གསན་རོགས་གནང་།།