རྒྱ་གར་དང་༢༠༡༩་ལོའི་ཏོག་དབྱིབས་རིམས་ནད།

Your browser doesn’t support HTML5

དེང་སྐབས་འཛམ་གླིང་ཁྱོན་ཡོངས་སུ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་བྱུང་བའི་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་བཞིན་པའི་རྐྱེན་གྱིས་སྲིད་གཞུང་ཁག་གི་འཕྲོད་བསྟེན་སྒྲིག་འཛུགས་མང་པོས་རང་གི་མི་དམངས་ལ་རིམས་ནད་འགོས་ཁྱབ་འགྲོ་རྒྱུ་སྔོན་འགོག་བྱེད་པའི་ཐབས་ལམ་སྟབས་བདེ་དང་ཡག་ཤོས་གཅིག་ནི་ལག་པ་བཀྲུ་རྒྱུ་ཚུད་པའི་གཙང་སྦྲ་བྱ་རྒྱུ་དེ་གལ་འགངས་ཆེན་པོ་ཡིན་ཞེས་ལམ་སྟོན་བྱེད་ཀྱི་ཡོད་ཀྱང་རྒྱ་གར་ལྟ་བུར་མཚོན་ན་མི་མང་ལ་འཐུང་ཆུ་གཙང་མ་མེད་པའི་དཀའ་ངལ་ཅན་ཚོར་རིམས་ནད་འདི་ཁྱབ་གདལ་འགྲོ་བཞིན་